༈ ཡུལ་གསུམ་ ནི༑ ཡིད་དུ་འོང་བ་དང་མི་འོང་བ་དང་བར་མ་གསུམ་དང། དུག་གསུམ་ནི་ཆགས་སྡང་རྨོངས་གསུམ་དང། རྣམ་དག་དགེ་རྩ་གསུམ་ནི་དུག་གསུམ་རྣམ་པར་དག་པ་སྟེ། དུག་གསུམ་དང་མ་འདྲེས་པའི་དགེ་རྩའོ་ [000] །དེ་ཡང་ཡུལ་ཡིད་དུ་ འོང་བ་འདོད་ཆགས་བསྐྱེད་པའི་རྒྱུར་འགྲོ་བ་དཀག་ [000] འདོད་ཆགས་དང་མ་འདྲེས་པའི་དགེ་བའི་རྒྱུར་སྒྱུར་བར་བྱེད་པ་སོགས་ཏེ། དེའི་ཚུལ་ནི། ཡུལ་ཡིད་དུ་འོང་བ་དང་ཕྲད་བ་ན། འདི་ལྟ་བུའི་ཡུལ་ལ་བརྟེན་ནས་འདོད་ཆགས་ སྐྱེས་ཏེ་ལས་ངན་བསགས་ནས་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས་ཀྱི་འདོད་ཆགས་ལས་ངན་སྡུག་བསྔལ་དང་བཅས་པ་བདག་གི་རྒྱུད་ལ་སྨིན་པར་གྱུར་ཅིག་བདག་གི་རྒྱུད་ལ་འདོད་ཆགས་དང་མ་འདྲེས་པའི་དགེ་བ་དང་ བདེ་བ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་སྙམ་པ་སོགས་ཏེ། རང་རྒྱུད་ལ་འདོད་ཆགས་སྐྱེས་ཟིན་ན། དེའི་སྟེང་དུ་གཞན་གྱི་འདོད་ཆགས་ལེན་པ་ནི་ཁྱིའུ་ [000] [000] ཟས་ ཀྱི་འཕྲུལ་ཆེན་པོ་ཡིན་གསུངས། ཚུལ་འདི་དག་རྒྱས་པར། ཡུལ་གསུམ་དུག་གསུམ་དག་རྩ་གསུམ། ཞེས་པའི་བར་གྱི་བློ་སྦྱོང་བློ་བཟང་དགོངས་རྒྱན་སོགས་ན་བཞུགས་པས་དེར་ལེགས་པར་གཟིགས་ནས་མཁྱེན་པར་མཛོད། །།